ཆོས་དུང་དཀར་པོ། ༢༠༢༥ སྙན་ངག་གིས་བསུས་པའི་གྱ་སྟོན། དམིགས་བསལ་འདོན་ཐེངས། ༡༩ (2025 no. 2)

དེབ་ཕབ་ལེན།
རྩོམ་སྒྲིག་པའི་འཕྲིན།
 
ད་ལོ་འཛམ་གླིང་ཤར་ནུབ་གང་སར་༧སྐྱབས་མགོན་༧གོང་མ་རིན་པོ་ཆེའི་གྱ་སྟོན་སྲུང་རྩིའི་མཛད་རིམ་སྤེལ་དང་སྤེལ་མུས་སུ་མཆིས། འོན་ཏེ་ཤེས་ཡོན་པ་དང་། རྩོམ་པ་པོ་དག་གིས་སྒྱུ་རྩལ་གྱི་ལམ་ནས་ ༧གོང་མ་རིན་པོ་ཆེའི་གྱ་སྟོན་བསུ་བའི་བྱེད་སྒོ་མ་མཐོང་བས། གུས་ཨ་འདུས་སྐལ་བཟང་རྒྱ་མཚོའི་ངོ་དེབ་ (Facebook) ཐོག་ 《སྙན་ངག་གིས་བསུས་པའི་གྱ་སྟོན་》 ཞེས་པའི་ཁ་བྱང་འོག་སྙན་རྩོམ་གྱི་ཆེད་དེབ་ཅིག་འདོན་སྤེལ་བྱ་རྒྱུའི་རྩོམ་བསྡུའི་གསལ་བརྡ་སྤེལ་བར། སྔ་ཕྱིར་རྩོམ་ཡིག་མང་པོ་ཞིག་འབྱོར་བ་མ་ཟད། རྩོམ་པ་པོ་གྲགས་ཅན་འགའ་ཞིག་ལ་ཟུར་དུ་རྩོམ་སྐུལ་ཞུས་པ་དང་། མཁན་པོ་མཁྱེན་རབ་དཔལ་ལྡན་གྱིས་རེ་བླ་བདེ་དོན་ལྷན་ཚོགས་ཀྱིས་འདོན་སྤེལ་གནང་བའི་ 《དད་དམ་གཡོ་མེད་ཀྱི་རང་མདངས་》 ཞེས་པའི་༧གོང་མ་རིན་པོ་ཆེའི་བསྟོད་རྩོམ་ཕྱོགས་བསྒྲིགས་ནང་འདོན་སྤེལ་མ་ཐུབ་པའི་༧རྒྱལ་དབང་ཀརྨ་པ་དང་། བྱམས་མགོན་ཏཱའི་སི་ཏུ་རིན་པོ་ཆེ་སོགས་ཀྱི་གོང་མ་རིན་པོ་ཆེའི་སྐུ་བསྟོད་རྩ་ཆེན་ཁག་ཅིག་ཀྱང་གནང་སོན་བྱུང་བས། ཆེད་དེབ་འདི་ཉིད་དེ་བས་པར་སྐྲུན་བྱ་རིན་ལྡན་པ་ཞིག་ཏུ་གྱུར་པས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། སྙན་རྩོམ་དེ་དག་ 《 སྙན་ངག་གིས་བསུས་པའི་གྱ་སྟོན་ 》 ཞེས་པའི་ཆོས་དུང་དཀར་པོ་དམིགས་བསལ་འདོན་ཐེངས་ཀྱི་ངོ་བོར་པར་དུ་བསྐྲུན་ཞིང་། པར་སྐྲུན་གྱི་སྦྱིན་བདག་ས་སྐྱ་མཐོ་སློབ་ཀྱི་ལས་ཐོག་མཁན་པོ་འཇམ་དབྱངས་སྦྱིན་པ་ལགས་ཀྱིས་འབོད་བསྐུལ་གནང་བ་བརྒྱུད་ Mingxuan Tu Tianci Li ནང་མི་ནས་གནང་བར་སྙིང་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། མཐའ་དོན་རྩོམ་པ་པོ་རྣམས་ཀྱིས་སྒྱུ་རྩལ་གྱི་ལམ་ནས་སྤེལ་བའི་ 《 སྙན་ངག་གིས་བསུས་པའི་གྱ་སྟོན་ 》 ཞེས་པའི་དམིགས་བསལ་ཆེད་དེབ་འདི་ལས་བྱུང་བའི་ལེགས་བྱས་ཀྱིས་༧སྐྱབས་མགོན་༧གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་གི་སྐུ་ཚེ་ཡུན་དུ་བརྟན་ཅིང་། ཐུགས་ཀྱི་བཞེད་དོན་མཐའ་དག་འབད་མེད་ལྷུན་གྱིས་འགྲུབ་པའི་སྨོན་འདུན་ཞུ། ཆོས་དུང་དཀར་པོ་རྩོམ་སྒྲིག་ཁང་ནས།
 
ཕྱི་ལོ་ ༢༠༢༥ ཟླ་ ༨ ཚེས་ ༣ ཉིན།
ཆོས་དུང་དཀར་པོ། ༢༠༢༥ སྙན་ངག་གིས་བསུས་པའི་གྱ་སྟོན། དམིགས་བསལ་འདོན་ཐེངས། ༡༩ (2025 no. 2) ཆོས་དུང་དཀར་པོ། ༢༠༢༥ སྙན་ངག་གིས་བསུས་པའི་གྱ་སྟོན། དམིགས་བསལ་འདོན་ཐེངས། ༡༩  (2025 no. 2) Reviewed by Chodung Karpo on 3:42 AM Rating: 5